| | e-texts navigator
|
297a1 ཀྱང་རང་གང་འདོད་པའི་ཁྱིམ་ཐབ་འདམ་པར་འགྱུར་གྱི། དེ་ཁྱེད་ཅག་གིས་བསྒྲིམ་པར་བྱ་ཞིང་། ལམ་སྲང་དང་བཞི་མདོ་དང་སུམ་མདོའི་ཕྱོགས་ཐམས་ཅད་ཀྱང་རྒྱན་དག་གིས་བརྒྱན་པར
297a2 བྱ་ཞིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་མེ་ཏོག་འཕྲེང་དང་། བྱུག་པའི་མཆོག་དག་གིས་ཀྱང་བྱི་དོར་གྱིས་ཤིག་ཅེས་ཤུལ་པོ་ཆེ་དང་། བཞི་མདོ་དང་། སུམ་མདོ་ཐམས་ཅད་དུ་དྲིལ
297a3 དཀྲོལ་ཞིང་སྒྲ་བསྒྲག་ཏུ་གསོལ། དེ་ནས་བུ་མོ་ཟླ་མཆོག་གི་ཕ་མ་གཉིས་རང་གི་ཁྱིམ་ནས་བྱུང་སྟེ། བདི་སྐད་དུ་དེང་ནས་ཞག་བདུན་ན། བུ་མོ་ཟླ་མཆོག་ཕྱིར་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང
297a4 མོ་ནི་གང་འདོད་པའི་ཕྱིར་ཁྱིམ་ཐབ་འདམ་པར་འགྱུར་གྱིས། དེར་ཁྱེད་ཅག་གིས་བསྒྲིམ་པར་བྱ་ཞིང་། ལམ་སྲང་དང་བ་ནི་མདོ་དང་། སུམ་མདོའི་ཕྱོགས་ཐམས་ཅད་རྒྱན་དག་གིས་བརྒྱན་པར་བྱ་ཞིང་། མེ
297a5 ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པའི་ཆོ་ག་དག་གིས་ཀྱང་བྱི་དོར་གྱིས་ཤིག་ཅེས་རང་བཞིན་དེ་དག་ཀུན་ཏུ་བསྒྲགས་སོ།། དེ་སྐད་སོ་སོར་ཐོས་པ་དང་། ཡངས་པ
297a6 ཅན་གྱི་སྐྱེ་བོ་ཕལ་པོ་ཆེ་རྣམས་འདི་ལྟར་རང་རང་གི་ལམ་སྲང་དང་བཞི་མདོ་དང་། སུམ་མདོའི་ཕྱོགས་དག་བརྒྱན་པར་བྱ་བ་ལ་བརྩོན་པར་གྱུར་ཅིང་། སེམས་ལ་འདི་སྙམ་དུ་ཅིས་ཀྱང་བུ་མོ་ཟླ་མཆོག་ནི་བདག་ལ
297a7 འཛིན་གྱི། གཞན་དག་ལ་ནི་མ་ཡིན་གྲང་སྙམ་དུ་སེམས་ཏེ། དེ་དག་ཕན་ཚུན་འགྲན་པས་རང་རང་རྒྱན་པར་བྱེད་དེ། འདི་ལྟ་སྟེ། ཚོང་དཔོན་དང་། ཁྱིམ་བདག་དང་། ཞང་ལོན་དང་། བྲམ་ཟེ་དང་།
iiif viewer powered by OpenSeadragon
296b - 297b