e-texts navigator
Collection
Volume
Page
Wylie

295b1 ཡུད་ཙམ་གཅིག་གིས་འདི་ལྟ་སྟེ་དཔེར་ན། བུ་མོ་ལོ་བརྒྱད་ལོན་པ་ལྟ་བུའི་ན་ཚོད་དུ་ཀུན་ཏུ་སྣང་ངོ་།། དེས་སའི་ཕྱོགས་གང་དང་གང་དག་ཏུ་འགྲེང་བ་དང་། འཆག་པ་དང་། འདུག་པ་དང་། མལ་བཅས།
295b2 པར་གྱུར་པ་དེ་དང་དེ་དག་ཏུ་འོད་གཟེར་གསེར་གྱི་མདོག་ལྟ་བུ་དག་སྣང་བར་གྱུར་ཏོ།། དེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་ས་མཆོག་དྲི་དག་དང་། ཁ་ནས་ཀྱང་ཨུཏྤལ་སྔོན་པོའི་དྲི་དག་བྱུང་བར་གྱུར
295b3 དེ་ནས་ཡངས་པ་ཅན་གྱི་ཚོང་དཔོན་དང་། ཁྱིམ་བདག་དང་། རྒྱལ་བུ་རྣམས་དང་། དེ་ལས་གཞན་པ་རིགས་ཆེ་བ་དང་། རིགས་མཐོ་བ་དག་གིས། བུ་མོ་ཟླ་མཆོག་གི་ལུས་ཀྱི
295b4 གཟུགས་དང་། ཁ་དོག་ཡོངས་སུ་རྫོགས་པ་ཐོས་སོ།། ཐོས་ནས་ཀྱང་འདོད་པའི་འདོད་ཆགས་ཀྱིས་སེམས་ཤིན་ཏུ་དཀྲིས་པར་གྱུར་ཅིང་། སོ་སོ་ནས་འདི་སྙམ་དུ་སེམས་ཏེ་དེ་བདག་གི་ཆུང་མར་གྱུར་ན་ཅི་མ་རུང་སྙམ་མོ།།
295b5 དེ་ན་སྐྱེ་བོ་ཕལ་པོ་ཆེ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་སེམས་བརྩོན་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་སྟེན་པར་བྱེད་བསྟེན་པར་བྱེད་ཅིང་། བསྙེན་བཀུར་བྱེད་པར་གྱུར་ཏོ།། ཁ
295b6 ཅིག་ནི་ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱཪྻ་དང་། སྡུག་དང་། ཨན་ད་རྙིལ་དང་། དུང་དང་། མན་ཤེལ་དང་། ཞོ་ཤས་བྱིར་བྱེ་མ་སྙེད་དག་སྦྱིན་ཞིང་འདོད་པ་སྐྱེད་པར་བྱེད
295b7 དོ། ཁ་ཅིག་ནི་ནོར་དང་། འབྲུ་དང་། ཁྱིམ་དང་། ལོངས་སྤྱོད་དང་། ཁ་ཟས་དག་སྟོན་པར་བྱེད་དོ།། ཁ་ཅིག་ནི་བྲན་དང་བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དག་ལ་གསད་པ་དང་བཅིང




iiif viewer powered by OpenSeadragon

295a - 296a

Texts on this page

S149 - mi rtag pa nyid kyi mdo