| | e-texts navigator
|
294b1 རྒྱལ་བ་འོད་སྲུངས་བསོད་སྙོམས་ཕྱིར། ། ཡངས་པ་ཅན་གྱི་གྲོང་དུ་ཞུགས་པ་ན།། བདག་གིས་ཁང་བཟངས་སྟེང་ནས་མཐོང་གྱུར་ཅིང་།། མཐོང་ནས་དེར་ནི་བདག་ཡིད་དང་བ་དྲན།། དེ་ཚེ་བདག་ཡིད་རབ་དུ་དང
294b2 འགྱུར་ན། ། བདག་ལ་མེ་ཏོག་མེད་ཅིང་བྱུག་པ་མེད།། ཕྱེ་མ་སྤྲོས་མེད་ཟས་དང་སྐོམ་མེད་པས།། སྟོན་པ་འདི་ལ་ཅིས་མཆོད་བྱ་སྙམ་སེམས།། དེ་ནས་བདག་གིས་སྒྲ་ཐོས་སངས་རྒྱས་ནི།། འགྲོལ་བ་དགྲོལ
294b3 ཕྱིར་ཟང་ཟིང་མེད་སྤྱོད་ཅིང་། ། འཇིག་རྟེན་བརྩེ་ཕྱིར་ཐུགས་རྗེ་བསྐྱེད་ནས་ནི།། སངས་རྒྱས་བསོད་སྙོམས་སླད་དུ་འཇིག་རྟེན་བརྒྱན།། གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན།། སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས
294b4 སྨོན་ལམ་ཐོབ། ། བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། དེ་ལས་ལྷག་མཆོད་སྲིད་པ་གསུམ་ན་མེད།། བར་སྣང་སྒྲ་ཐོས་དེ་ནས་བདག་གིས་ནི།། མཚན་མཆོག་སྤྲས་པའི་སངས་རྒྱས་མཐོང་བ་དང་།།
294b5 བྱང་ཆུབ་ཕྱིར་ནི་མི་གཡོ་ཡིད་སྐྱེས་ནས།། ཁང་པ་དེ་ནས་རང་གི་ལུས་མཆོངས་ཏེ།། བར་སྣང་ཏ་ལ་སྲིད་ལ་འདུག་ནས་ནི།། ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་།། དེ་བཞིནི་རྒྱལ་བ་འོད་སྲུངས།
294b6 དེ་ཡི་སྐུ།། རིན་ཆེན་རི་དང་ལྷུན་པོ་འདྲ་བ་མཐོང་།། རྒྱལ་བའི་མཐུས་ནི་བདག་གི་ལག་མཐོལ་དུ།། མན་ད་ར་བའི་ཕུར་མ་ཆེ་བྱུང་ཞིང་།། དེ་དག་བདག་གིས་འོད་སྲུངས་གཏོར་བ་དང་།། མེ་ཏོག་གདུགས
294b7 སུ་གྱུར་ནས་མཁའ་ལ་གནས། ། གང་དག་ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་པ།། མཚན་གྱིས་སྐུ་བརྒྱན་དེ་དག་བལྟས་ན་ཡང་།། ཇི་ལྟར་འོད་སྲུངས་སྟེང་ན་འདུག་པ་ལྟར།། དེ་དག་ལ་ཡང་མེ་ཏོག
iiif viewer powered by OpenSeadragon
294a - 295a