| | e-texts navigator
|
294a1 པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལས་བུ་མོ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ་ཡན་ལག་དང་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ
294a2 ཞིག་བཙས་སོ། ། བུ་མོ་དེ་བཙས་མ་ཐག་ཏུ་ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་། ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར་ཕྱི་རོལ་གྱི་སྒོ་ཁང་གི་ཝ་དག་ལས་ཀྱང་མར་ཁུ་དང་འབྲུ་མར་དག
294a3 རབ་དུ་འཛག་ཅིང་། ཞན་པ་དང་མགོན་མེད་པ་དང་། བཀྲེན་པ་དང་སྡུག་ཕོངས་པ་གང་ཡིན་པ་དག་ཅི་བདེར་ཡོངས་སུ་སྤྱོད་དོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་རྔ་བོ་ཆེ་དང་རྫ་རྔ་དང་། ཁར་རྔ་དང་།
294a4 སིལ་སྙན་དང་། ཕེག་རྡོབ་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་མ་བརྡུངས་པར་སྒྲ་འབྱིན་པར་གྱུར་ཅིང་། མེ་ཏོག་གི་ཆར་ཆེན་པོ་དག་ཀྱང་རབ་ཏུ་བབ་པར་གྱུར་ཁྱིམ་གྱི་གྲཝ་བཞིར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ
294a5 ཏུགང་བའི་གཏེར་ཆེན་པོ་བཞི་བྱུང་ཤིང་ཁ་བྱེ་སྟེ། ཀུན་ཏུ་སྣང་བར་གྱུར་ཏོ།། བུ་མོ་དེ་བཙས་མ་ཐག་ཏུ་ངུ་སྐད་མི་འབྱིན་ཅིང་མཆིམ་མི་གློག་ལ། ལྷག་པར་ཡང་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། དེའི་ཚེ་ཚིས
294a6 སུ་བཅད་པ་འདི་དག་སྨྲས་སོ། ། སྡིག་ལས་བྱས་པས་འདིར་ནི་གཙང་མ་ཡི།། ལུས་སུ་མི་སྐྱེ་ཡིད་དུ་འོང་བར་མིན།། སྡིག་ལས་བྱས་པས་འདིར་ནི་ལོངས་སྤྱོད་དག། འབྱོར་པའི་ཁྱིམ་རྣམས་སུ་ཡང་མི་སྐྱེའོ།།
294a7 སྐྱོསྐྱོན་དུ་ལ་ཡང་དག་སྡོམ་དང་བག་ཡོད་ཅིང་།། གུས་དང་བཅས་པར་བླ་མ་བསྙེན་བཀུར་བའི།། གྱ་ནོམ་རང་བཞིན་ལས་ཀྱིས་རྟག་ཏུ་ནི།། ལོངས་སྤྱོད་བདག་ཉིད་ཆེན་པོའི་ཁྱིམ་དུ་འགྲུབ།། འདྲེན་པ
iiif viewer powered by OpenSeadragon
293b - 294b