| | e-texts navigator
|
288b1 དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཆོ་ག་མི་ཤེས་པ་དང་། འདོད་པ་ཆེ་བར་འགྱུར
288b2 བའོ། ། གནོད་སེམས་ཀྱི་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པར་གཉིས་མངོན་པར
288b3 སྒྲུབ་སྟེ། མི་ཕན་པར་འདོད་པ་དང་། གཞན་གྱིས་གནོད་པར་བྱ་བར་འགྱུར་བའོ།། ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ
288b4 ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བའོ།། ཀླུའི་བདག་པོ་དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་དག་གི
288b5 བསྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་ཡང་དག་པར་བསྒྲུབ་པར་འགྱུར་རོ། ། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས
288b6 སྤྱོད་མི་འཕྲོགས་པ་དང་། ཚེ་རིང་བར་འགྱུར་རོ།། བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན་ཡང་གཞན་གྱིས་གནོད་པ་བྱ་བའི་འཇིགས་པ་ལས་ཡང་དག་པར་འདས་པར་འགྱུར་རོ།། ཀླུའི་བདག་པོ་མ་བྱིན་པར
288b7 ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་སྦྱིན་ན། ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བར། ཡོངས་སུ་གཏོང་བ་ཅན་དུ་འགྱུར་རོ།། བྱང་ཆུབ་སེམས
iiif viewer powered by OpenSeadragon
288a - 289a