| | e-texts navigator
|
286a1 པའི་སྐྱེས་བུ་གང་ཟག་ནི། ངག་གི་ལས་ཡོངས་སུ་དག་པ་བརྒྱད་ཐོབ་བོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚིག་རན་པ་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ
286a2 པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྨད་པའི་ཚིག་ཡིན་ཏེ། ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ
286a3 དག་པ་བརྒྱད་པོ་དེ་དག་ཐོབ་བོ། ། ཚིག་རྩུབ་པོ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྟོན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཚངས་པའི
286a4 སྒྲ་སྐད་བསྒྲགས་པའི་དབྱངས་སུ་འགྱུར་རོ། ། ཀླུའི་བདག་པོ་ཚིག་བཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་ཐོབ་བོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། ཚིག་རན་པས་མཁས་པ
286a5 རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་གློན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པར་མཛའ་བས་གཅིག་ཏུ་ངེས་པར་ལྷ་དང་། མིའི་ཆེ་བ་ཉིད་ཐོབ་པ།
286a6 ཡིན་ཏེ། ཀླུའི་བདག་པོ་ཚིག་བཀྱིལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་པོ་དེ་དག་ཐོབ་བོ།། ཚིག་བཀྱལ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡོངས
286a7 སུ་སྔོན། དེ་དགེ་བའི་རྩ་བ་དེས་ཁྱད་པར་ལུང་སྟོན་ཅིང་། གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི། དབང་པོ་ལྔ་ཐོབ་བོ།། ལྔ་གང་ཞེ་ན། འདྲ
iiif viewer powered by OpenSeadragon
285b - 286b