e-texts navigator
Collection
Volume
Page
Wylie

285b1 ། ལུས་དང་། ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིགས་གཟུང་བར་འོས་པས་ངགཉན་པར་འགྱུར་བ་དང་། ཤེས་རབ
285b2 ཐོབ་པས་ལྷ་དང་མི་རྣམས་ཀྱི་ནང་ན་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཏེ། ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་པོ་དེ་དག་ཐོབ་བོ།། བརྫུན་དུ་སྨྲ་བ་སྤངས
285b3 པའི་དགེ་པའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དགེ་བའི་རྩ་བ་དེས་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། གླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི
285b4 སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་ཐོབ་བོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་གནོད་པའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བས་ལུས་མི་ཕྱེད་པ་ཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས
285b5 གཡོག་མི་བྱེད་པ་ཐོབ་པ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་ཆེས་པས་དད་པ་མི་བྱེད་པ་ཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་བྱེད་པ་ཐོབ་པ་དང་། མི་སྦུབས་མཛའ་བོ་མོ་བྱེད་པ་ཐོབ་པ་སྟེ། རྨུ
285b6 བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མོ་ཕྱེད་པ་ལྔ་པོ་དེ་དག་ཐོབ་བོ། ། ཕྲ་མའི་ཚིག་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དག
285b7 བའི་རྩ་བ་དེས་གཡོག་མི་ཕྱེད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་གྱིས་ཀྱང་དེ་བཞིན་གཤེགས་པ་དེའི་འཁོར་དབྱེ་བར་མི་ནུས་སོ།། ཀླུའི་བདག་པོ་ཚི་ག་རྩུབ་པོ་སྤངས




iiif viewer powered by OpenSeadragon

285a - 286a

Texts on this page

S146 - gaN DI'i mdo