e-texts navigator
Collection
Volume
Page
Wylie

96a1 དྲུབ་བ་པ་དང་། མངས་ངའི་སེམསས་ནུམས་པར་བཏུར་རྩལ་བའི་བྱམས་པ་དང་། ག་པ་ཉིད་དུངས་པའི་སེམས་ཅ་རྣམས་ལ་བརྒྱུ་པ་ཆེན་པོའི་བྱམས་པའོ།། གཅམ་དང་།
96a2 གསུམ་སྟེ། འགྲོགས་ན་བདེ་བས་ལུས་པས་སུ་རུང་བ་དང་། ཕ་རོལ་ཀུན་སྲུང་བས་ངགསྟན་པ་དང་། དྲང་བས་སེམས་ལས་སུ་རུང་བའོ།། གཞན་ཡང་གསུམ་བྷེ། མི་སྡུག་པ་ལ་ཡང་གནས་ལ་འདོད
96a3 ཆགས་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྤོང་བ་དང་། བྱམས་པ་ལ་གནས་པ་ལ་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་དང་། འཕྲོགས་པ་ལ་ཡང་མི་སྤོང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང
96a4 བ་ལ་ཡང་རྣམ་པར་ཛྭ་ལ། གཏི་མུག་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྤྱོད་པའོ།། གཞན་ཡང་གསུམ་སྟེ། ལེགས་པར་སྤྱོད་པའི་བྱོར་ཕན་པ་དང་། ཆོག་ཤེས་པའི་ཕྱིར་རན་པང
96a5 ཕྱིས་འགྱོང་བ་མེད་པའི་ཕྱིར་བཟོད་པའོ། ། གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་འཛིན་པ་དང་། ཚིག་དང་ཡི་གེ་རྣམས་འཛིན་པ་དང་། སྐལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད
96a6 པར་ཤེས་པའོ། ། གཞན་ཡང་གསུམ་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པ་དང་། ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་པས་གཏོང་བ་ཆེན་པོ་དང་། ཟང་ཟིང་ཀུན་ཏུ་འགྱེད་པས་ལོངས་སྤྱོད
96a7 ཆེ་བའོ། ། གཞན་ཡང་གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང་། མི་སྲུབས་ཡང་དག་པ་དང་། དེ་བཞིན་ཉིད་པས་དེ་ཁོ་ནའོ།། གཞན་ཡང་གསུམ་སྟེ། བདག་ཅི་འདྲ་བ་ཞེས་བདག




iiif viewer powered by OpenSeadragon

95b - 96b

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo