| | e-texts navigator
|
81a1 དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་སྒྲུབ་པ་ཉམས
81a2 པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ལ་གནས་ཤིང་སྒྲུབ་པའི་སྙིང་པོར་བགྱིས་ལ། སེམས་ཅན་རྣམས་ཡང་དག་པའི་ནན་ཏན་ལ་རབ་ཏུ
81a3 འགོད་ཅིང་། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྣང་བ་མཐོང་བས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་འཆལ་པའི་ཆོས་ཀྱི་སྣང་བ་དང་བྲལ་བས
81a4 དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་ཤིང་། ཆོས་ཀྱི་སྣང་བ་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང
81a5 བར་བགྱིའོ། ། བྱང་ཆུབ་སེམས་དཔའ་ཞེ་འགྲས་པ་མེད་པའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཞེ་འགྲས་པའི་སེམས་དང་། སེམས་ཅན་རྗེས་སུ་མི་སྲུང་བའི་བློས་དམ་པའི་ཆོས་ཡོངས་སུ
81a6 གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཞེ་འབྲས་པ་མེད་པའི་སེམས་དང་། སེམས་ཅན་རྗེས་སུ་སྲུང་བ་ལ་གནས་ལ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས
81a7 དཔའ་སྤྱོད་པ་རྣམ་དག་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་དབང་པོ་ལ་མི་མཁས་ཤིང་། སེམས་ཅན་གྱི་སྤྱོད་པའི་ཆོ་ག་མ་འཚལ་བས། དམ་པའི་ཆོས་ཡོངས་སུ་གཟུང་བར
iiif viewer powered by OpenSeadragon
80b - 81b