e-texts navigator
Collection
Volume
Page
Wylie

7a1 བརྟན་ཤཱ་རིའི་བུས་བསྟན་པ་འདི་བཤད་པའི་ཚེ། ལྷའི་བུ་ཉི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བྱང་ཆུབ
7a2 སེམས་དཔའ་སེམས་དཔའ་ཆེན་པོ་བློ་མོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་བ་ལས་འདས་པ་དག་གིས་ཀུན་ནས་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་བཅོམ་ལྡན་འདས
7a3 རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་ཡེ་ཤེས་དེ་བཞིན་གཤེགས་པ་དེ་ལ་གསོལ་ནས། བཅོམ་ལྡན་འདས་དེས་གནང་སྟེ། སངས་རྒྱས
7a4 རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་དང་སེམས་གཅིག་གིས་ཐོབ་པའི་དྲན་པས་མིག་ཕྱེ་བ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ།
7a5 ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལས་ཐལ
7a6 ནས། ཤིང་ཏ་ལ་སྲིད་དུ་མངོན་པར་འཕགས་ཏེ། པདྨའི་སྙིང་པོ་ལ་འདུག་པར་ཀུན་ཏུ་སྣང་ངོ་།། དེ་ལས་གཞན་པའི་པདྨའི་སྙིང་པོ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དས
7a7 འཁོད་པར་ཀུན་ཏུ་སྣང་ངོ་། ། འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མངས་མེད་དཔག་ཏུ་མེད་པ་དག་ཆོས




iiif viewer powered by OpenSeadragon

6b - 7b

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo