e-texts navigator
Collection
Volume
Page
Wylie

75a1 སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
75a2 ཀྱིས་ངས་རློས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན།། དམ་པའི་ཆོས་ཡོངས་སུ་གཟུང་བ་ཇི་ལྟ་བུ་ཞིག།
75a3 ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ།། རིགས
75a4 ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་གིས། ། བརྗོད་དུ་མེད་པར་འདུས་མ་བྱས་ཀྱིས་ཆོས་དེ་སྙེད་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་། འཛིན་པ་དང་། སྟོན་པ་དང་། རབ་ཏུ་ཤེས་པར
75a5 བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། །
75a6 རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པ་དང་། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་། བསྟེན་པ་དང་། བསྙེན་བཀུར་བྱེད་པ་དང་།
75a7 ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་འཛིན་པ་དང་། གོས་དང་། ཟས་དང་།




iiif viewer powered by OpenSeadragon

74b - 75b

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo