| | e-texts navigator
|
74b1 རྟག་ཏུ་དགའ་བར་འགྱུར། ། ལྷ་དང་ལྷ་མིན་མི་ཡི་ཡིད་དུ་འོང་།། དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་སྟོད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། བརྒྱ་བྱིན་ཚངས་པ་དེ་བཞིན
74b2 འཇིག་རྟེན་སྐྱོང་། ། འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར།། བདེ་དང་ཡིད་བདེས་བྱང་ཆུབ་དེ་འཚང་རྒྱ།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེའི་ལུས་སུམ་ཅུ་རྩ་གཉིས
74b3 མཚན་ལྡན་ཞིང་། ། མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར།། དེ་ལ་ལྟ་བས་ངོམས་པར་ཡོངས་མི་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། གང་དག་ཆོས་ཀྱི་ཕྱག་རྒྱ
74b4 འདི་སྟོན་པའི། ། དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར།། ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ལུས་དང་ངག་དང་ཡིད་ཀྱང་རྣམ
74b5 པར་དག། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག། རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར
74b6 བ་མེད། ། ཕ་རོལ་ཕྱིན་ལ་སྤྱོད་དང་འགལ་མི་འགྱུར།། དགེ་བ་བརྒྱ་རྣམས་ཀྱང་ནི་རབ་ཏུ་བཟུང་།། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས།། བསྐལ་པར་རྒྱུན་མི་འཆད་པར་རབ་བརྗོད་ཀྱང
74b7 དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། ། བརྗོད་པས་ཐ་མར་བྱིན་པར་མི་འགྱུར་རོ།། སངས་རྒྱས་ཀྱི་ཆོས་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
74a - 75a