| | e-texts navigator
|
69b1 ཐོགས་པ་མེད། རྣམ་པར་རིག་པ་མེད་པ་དེ་ལ། གང་ཡང་མངོན་སུམ་དུ་འགྱུར་རམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད་ནི་མངོན་སུམ་མ
69b2 ཡིན་པ་ཉིད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཉིས་ཅུང་ཟད་ཀྱང་མེད་དོ།། ཚངས་པ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའོ།། དེ་ལ་མངོན་སུམ་གང་ཡིན་པ་དེ་ཡང་དེའི་མཚན་ཉིད་ཁོ་ནའོ།། ཚངས
69b3 པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་མ་ཡིན་ཏེ། མངོན་སུམ་དུ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ།། སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན
69b4 སུ་མ་ཉིད་དོ། ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་མ་ཡིན་ནམ། སྨྲས་པ། ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་འམ། སངས་རྒྱས
69b5 ཀྱི་ཆོས་རྣམས་ཀྱང་རུང་སྟེ། འགའ་ཞིག་ཡང་དག་པར་ཡོངས་སུ་གྲུབ་པར་གྱུར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་འགྱུར་རོ།། སྨྲས་པ། རིགས་ཀྱི
69b6 བུ་སངས་རྒྱས་ཀྱི་ཆོས་གང་ཡང་མེད་དམ། སྨྲས་པ། ཚངས་པ་ཆོས་གང་ཡོངས་སུ་གྲུབ་པ་མེད་པ་དེ་ཡོད་པ་འམ། མེད་པར་ཁས་བླང་དུ་མེད་དོ།། ཆོས་གང་ཡང་ཡོད་པའམ། མེང་པར
69b7 ཁས་བླང་དུ་མེད་པ་དེ་ལ་མངོན་སུམ་དུ་འགྱུར་བ་གང་ཡང་མེད་དོ། ། སྨྲས་པ། འོ་ན་ང་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་བསྟན། སྨྲས་པ། ཚངས་པ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ
iiif viewer powered by OpenSeadragon
69a - 70a