| | e-texts navigator
|
67b1 བྱང་ཆུབ་བོ། ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་གཟིགས་པ་ལྟར་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ད་འདྲ་བ་ཉིད་དོ།། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་སྨྲས་པ། རིགས་ཀྱི
67b2 བུ་སངས་རྒྱས་ཀྱིས་ཆོས་རྣམས་ཁམས་གསུམ་ལས་ཤིན་ཏུ་འདས་པ་མ་ཡིན་ནམ། བློ་གྲོས་རྒྱ་མཚོས་སྨྲས་པ། ཚངས་པ་ཁམས་གསུམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སངས་རྒྱས་ཀྱི་ཆོས་རྣམས
67b3 སོ། ། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སངས་རྒྱས་ཀྱི་ཆོས་རྣམས་ཁམས་གསུམ་ལས་ཤིན་ཏུ་མཉམ་པ་ཉིད་ལ་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ
67b4 ལ་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ནམ་མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ
67b5 ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ལ་ཡང་ཐ་མ་འམ། མཆོག་གང་ཡང་མེད་དོ།། ཚངས་པ་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་འདོད་པའི
67b6 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་རྟོགས་པ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་དེ་རྣམས་དེ་ལྟར་རྟོགས་པར་བྱའོ།། ཚངས་པ་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡུལ་ན་མི་གནས་པ
67b7 ཕྱོགས་ནས་མི་གནས་པ། མ་སྐྱེས་པ། མ་འགགས་པ། སྔོན་པོ་མ་ཡིན་པ། སེར་པོ་མ་ཡིན་པ། དམར་པོ་མ་ཡིན་པ། དཀར་པོ་མ་ཡིན་པ། ལེ་བརྒན་མ་ཡིན་པ། ཤེལ་དང་དངུལ་གྱི་ཁ་དོག
iiif viewer powered by OpenSeadragon
67a - 68a