| | e-texts navigator
|
5b1 པོ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་། སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མེད་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ།
5b2 སྣང་ངོ་།། ཆུའི་ཕུང་པོ་དེ་ལས་ཀྱང་པདྨ་ཆུ་བ་ནི་བཻ་ཌཱུཪྻ། ལོ་མ་གེལ་པ་ནི་ཨིནྡྲ་རྙིལ། ལོ་མ་ནི་འཛམ་བུའི་ཆུ་བོའི་གསེར། ཟེ་བ་ནི་དཔལ་གྱི་སྙིང་པོ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ། མུ་ཏིག་གི
5b3 དྲ་བས་ནི་ཁེབས་པར་བྱས་པ། འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བྱུང་སྟེ། དེ་དག་རིན་པོ་ཆེ་བཀོད
5b4 པའི་འཁོར་གྱི་གཞི་ལས་ཐལ་ནས། ཤིང་ཏ་ལའི་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དེའི་ཚེ། པདྨ་ལ་འཁོད་པར་ཀུན་ཏུ་སྣང་ངོ་།། པདྨ་དེ་དག་ལས་ཀྱང་འོད་གང་དག་གིས་ཕྱོགས
5b5 བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོད་དེ་ལྟ་བུ་དག་བྱུང་ངོ་། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས།
5b6 ལྟར་སྔ་ལྟས་འདི་དག་ཀུན་ཏུ་སྣང་བ་ལས་ན། ཀྱེ་མའོ།། འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
5b7 བྱམས་པས། ཆོ་འཕྲུལ་རྒྱ་ཆེན་པོ་དེ་མཐོང་ནས་པདྨའི་སྟན་ལས་ལངས་ཏེ། ཀོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷང་པདྨའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས
iiif viewer powered by OpenSeadragon
5a - 6a