| | e-texts navigator
|
55b1 སེམས་བསྐྱེད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་བྱང་ཆུབ་མཆོག་ཏུ་བལྟ་དཀའ་སྟེ།། ཟབ་ཅིང་དྲལ་དྲི་མེད།།
55b2 ཅི་ཡང་མེད།། དེ་བས་མི་གང་རྣམ་འཚང་རྒྱ་འདོད་པ།། དེས་འདིར་ཆོས་རྣམས་ལ་ནི་ཐོགས་མི་བྱ།། ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་ཡིན།། ཀུན་ཏུ་སྣང་བར་གྱུར་ཅིང་འོད་གསལ
55b3 ཏེ། དྲི་མེད་ཕྱག་རྒྱ་ལ་ནི་རབ་གནས་པས།། བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས།། སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་ཡང་རུང་།། སེམས་ནི་དག་ཅིང་རང་བཞིན་འོད་གསལ་ལོ།།
55b4 ཉོན་མོངས་གང་གིས་ཡིད་ནི་ཉེ་ཉོན་མོངས།། དེ་དག་ཚུལ་བཞིན་གྱིས་ནི་ཡོངས་སུ་སྤངས།། འདི་ལ་བྱེད་པོ་མེད་ཅིང་ཚོར་བ་མེད།། ཆོས་རྣམས་ཐམས་ཅད་རྗེ་མེད་ཡ་མ་བརླ།
55b5 གང་ཟག་མེད་ཅིང་བདག་གིས་བདག་མེད་བསྟན།། རྨི་ལམ་ངོ་བོ་ཉིད་དེ་ནམ་མཁའ་འདྲ།། འདི་དག་ལུས་ཀྱི་ལས་ཀྱིས་རང་ཕྱེ་མིན།། ངག་གམ་སེམས་ཀྱིས་རྣམ་པར་བརྟགས
55b6 མ་ཡིན། ། ཡང་དག་ཏུ་ནི་བྱས་མིན་གཞན་མིན་ཏེ།། དེ་དག་ནི་དཔེ་བྱར་མི་ནུས་སོ།། ནམ་མཁའ་མཚུངས་ཤིང་དྲི་མེད་ངོ་བོ་ཉིད།། གཟུགས་ཅན་མ་ཡིན་བསྟན་དུ་ཡོད་མ་ཡིན།། མིག
55b7 གིས་ཤེས་བྱ་མ་ཡིན་རྣ་སྣས་མིན། ། ལྕེ་དང་ལུས་དང་ཡིད་རྣམས་ཀྱིས་ཀྱང་མིན།། མཚན་ཉིད་མ་ཡིན་མཚན་ཉིད་རྣམ་པར་ལོག། ཞི་བ་གནས་མེད་ཟླ་བའི་གཟུགས་བརྙན་འདྲ།།
iiif viewer powered by OpenSeadragon
55a - 56a