| | e-texts navigator
|
46b1 མི་རྙེད་དོ། ། ཆོས་ཐམས་ཅད་མཚན་མ་མེད་པར་ཡིད་ཆེས་པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མི་རྙེད་དོ།། ཆོས་ཐམས་ཅད་སྨོན་པ་མེད་པར་སོམ་ཉི་མེད་པས་འཆི་བདག་གི་བདུད་ཀྱིས་སྐབས་མི་རྙེད་དོ།།
46b2 ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མེད་པར་ཐེ་ཙོམ་མེད་ལ། དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་མི་ངོམས་པས་ལྷའི་བུའི་བདུད་ཀྱིས་སྐབས་མི་རྙེད་དོ།། བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཆ
46b3 བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ། ཕུང་པོའི་བདུད་ཡང་དག་པར་འཇོམ་མོ།
46b4 གང་གི་ཚེ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་ཞིང་ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ། ཉོན་མོངས་པའི་བདུད་ཡང་དག་པར
46b5 འཇོམ་མོ། ། གང་གི་ཚེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ། འཆི་བདག་གི་བདུད་ཡང
46b6 དག་པར་འཇོམ་མོ། ། གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཆོས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་ཏོག་ལ། བྱང་ཆུབ་ཀྱི་བསམ་པ་ཡང
46b7 འཁྲུགས་པར་མི་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཡང་དག་པར་འཇོམ་མོ།། བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད་ནི་བདག་གི་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དག་སྟེ། དེ་ལས་བྱང་ཆུབ
iiif viewer powered by OpenSeadragon
46a - 47a