| | e-texts navigator
|
43b1 ཐམས་ཅད་ནི་དུས་གསུམ་དུ་སྟོང་པ་ཞེས་བྱའོ། ། ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། དེ་ནི་མ་བྱས་པ། བྱ་བར་འགྱུར་བ་མ་ཡིན་པ། བྱ་བ་མ་ཡིན་པ། རྣམ་པར་བྱ་བ་མ་ཡིན་པ་སྟེ། དེའི་ཕྱིར
43b2 སྟོང་པ་ཉིད་ཅེས་བྱའོ། ། བྱ་བ་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལ་ནི་བྱེད་པས་བྱས་པའི་ཆོས་གང་ཡང་མེད་དོ།། དེའི་ཕྱིར་དེ་ནི་བྱ་བར་འགྱུར
43b3 བ་མེད་པ་ཞེས་བྱའོ། ། མངོན་པར་འདུ་བྱ་བ་མེད་པ་གང་ཞེ་ན། གང་ལ་ལུས་ཀྱིས་མངོན་པར་འདུ་བྱ་བ་མེད་པ་དང་། ངག་གིས་མངོན་པར་འདུ་བྱ་བ་མེད་པ་དང་། ཡིད་ཀྱིས་མངོན་པར་འདུ་བྱད
43b4 མེད་པ་སྟེ། འདི་ནི་མངོན་པར་འདུ་བྱ་བ་མེད་པ་ཞེས་བྱའོ།། མངོན་པར་འདུ་བྱ་བ་མེད་པ་གང་ཡིན་པ་དེ་འདུས་མ་བྱས་ཏེ། དེ་ལ་ནི་སྐྱེ་བ་མེད། འཇིག་པ་མེད་གནས་པ་མེད་དོ།། གང་ལ་སྐྱེ
43b5 མེད། ། འཇིག་པ་མེད། གནས་པ་མེད་པ་དེ་དག་གནས་མེད་པའོ།། གང་ལ་གནས་དེ་མེད་ཅེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་གནས་དེ་མེད་དེ། དེའི་ཕྱིར་གནས་དེ་མེད་པ་ཞེས་བྱའོ།།
43b6 དེ་ལ་ནི་གཟུགས་ལ་སོང་བའི་རྣམ་པར་ཤེས་པ་མི་གནས་པ།། ཚོར་བ་ལ་སོང་བ་དང་། འདུ་ཤེས་ལ་སོང་བ་དང་། འདུ་བྱེད་ལ་སོང་བ་དང་། རྣམ་པར་ཤེས་པ་ལ་སོང་བའི་རྣམ་པར་ཤེས་པ།
43b7 མི་གནས་སོ།། རྣམ་པར་ཤེས་པ་མི་གནས་པ་གང་ཡིན་པ་དེ་ཡེ་ཤེས་དང་ལྡན་པའོ།། ཡེ་ཤེས་དང་ལྡན་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་རློམ་སེམས་སུ་མི་བྱེད་དོ།། གང་རློམ་སེམས་སུ་མི་བྱེད་པ
iiif viewer powered by OpenSeadragon
43a - 44a