| | e-texts navigator
|
40b1 ཕྱོགས་ཆོས་རྒྱ་ཆེན་མཐའ་ཡས་གང་ཡིན་པ། ཐམས་ཅད་དེ་ཡི་བག་ཡོད་པ་ལ་འདུ་བར་འགྱུར།། ཞི་གནས་མཐར་གྱུར་ལྷག་མཐོང་གིས་ནི་རྟག་ཏུ་ཤེས།། ས་བཅུ་པ་ནི་གནོན་པར་འགྱུར་ཞིང་ཆགས
40b2 པ་མེད། ། བྱང་ཆུབ་སྙིང་པོ་སྦྱང་ཕྱིར་ཤིན་ཏུ་རྫོགས་པར་སྨྲ།། དེ་ནི་མི་དགེ་ཀུན་སྤངས་དགྲ་ལས་རྒྱལ་བར་འགྱུར།། དགེ་བའི་ཆོས་རྣམས་ཀུན་གྱིས་འཕགས་པ་རི་རང་བཞིན།། དེ་ནི་བསམ་ཡས
40b3 དྲི་མེད་འོད་འདི་རབ་ཏུ་ཐོབ། ། ཏིང་འཛིན་འདི་ཐོབ་མཁས་དེ་བསོད་ནམས་བྱས་ནས་ནི།། ཡོངས་སུ་དག་པའི་ཆོས་མཆོག་ཉི་ཤུ་རབ་ཏུ་ཐོབ།། དེ་དག་གིས་ནི་འགྲོ་བ་ཀུན་ནའང་ཉི་བཞིན་ལྡང་།། རྒྱལ
40b4 བའི་ཡེ་ཤེས་བླ་ན་མེད་པའི་བྱང་ཆུབ་རེག། ཤིང་གི་དྲུང་དུ་ཤུགས་བརྒྱད་བསམ་དུ་མེད་ཐོབ་ནས།། དེ་དག་གིས་ནི་ཞིང་བརྒྱ་དག་ན་འགྲོ་དོན་བྱེད།། སངས་རྒྱས་མི་འཇིགས་བྱིན་ཞིང་འགྲོ་བའི་དཔའ་བོ་དེ།
40b5 བདུད་རྣམས་བཏུལ་བ་བྱས་ནས་བྱང་ཆུབ་མཆོག་ལ་རེག། རྒྱལ་བའི་ཕྱག་རྒྱ་སྦྱངས་པ་ཐོད་པར་གྱུར་ནས་ནི།། ཡོན་ཏན་འདི་འདྲ་དེ་ཀུན་བསམ་གྱིས་མི་ཁྱབ་འགྱུར།། དེ་ལྟ་བས་ན་མི་གང་ཡོན་ཏན་འབྲེང
40b6 འདོད་པ། ། དེ་མྱུར་བྱང་ཆུབ་སེམས་ལ་བརྩོན་འགྲུས་བརྟན་པ་སྐྱེད། དེ་ནས་བ.རོམ་ཀྱར་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ།
40b7 གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་དཀར་ང་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས། རྙོག་པ་མེད་པའི་སེམས་དང་། འཁྲུག་པ་མེད་པའི
iiif viewer powered by OpenSeadragon
40a - 41a