e-texts navigator
Collection
Volume
Page
Wylie

39b1 ལུས་དང་ཡིད་ཀྱང་དགའ་བར་འགྱུར་བ་རབ་ཏུ་ཐོབ།། དེ་ནི་སེམས་ཅན་དམྱལ་ལས་རབ་ཏུ་ཐར་པའི་རྒྱུ།། འདི་དག་དང་ནི་གཞན་ཡང་ལུས་ལས་ཡོངས་སྦྱང་བ།། མཐའ་ལས་ལས་རྣམས
39b2 ཡེ་ཤེས་ཀྱིས་ནི་རྣམ་པར་ཕྱེ། ། མཁས་པ་ཤིན་ཏུ་དུལ་བ་སངས་རྒྱས་མཛད་པ་བྱེད།། རྡུལ་བྲལ་རྣམས་ཀྱི་ལུས་ཀྱི་ལས་འདི་དེ་འདྲའོ།། དེ་དག་ཚིག་ནི་རྣམ་དག་སྒྲ་བརྙན་ཡིད་དུ་འོང་།། དེས་ནི་ལྷ་དང
39b3 ལྷ་མིན་འགྲོ་ཀུན་ཚིམ་པར་བྱེད། ། དེ་སྨྲ་བ་ན་འཆད་པ་དོན་མེད་མི་འགྱུར་ཏེ།། ཐེག་པ་བདུད་རྩི་འདུས་བྱས་མིན་འདིར་ངེས་པར་འབྱུང་།། ངག་ལས་ངག་གི་ཉེས་པ་དེས་མང་གང་ཡོད་པ། དེ་དག་དེ་ཡི
39b4 བསོད་ནམས་དག་པས་ཀུན་ཏུ་ཆད། ། སྐད་རྣམས་མཚུངས་ཤིང་སྒྲ་མཚུངས་གྱུར་པས་སེམས་ཅན་རྣམས།། སྒྲ་སྐད་དག་ལས་ཇི་སྙེད་ཀུན་གྱིས་ཚིམ་པར་བྱེད།། དེ་ཡི་ངག་ནི་ཆད་ཅིང་མཉམ་ལ་ཡང
39b5 ངདག་ཉིད། ། ཡང་དག་ལུང་སྟོན་བསྒྲིབས་པ་མེད་ཅིང་མཉམ་པར་གཞག། ཚིག་གང་སྨྲས་པ་དེ་ཡང་དེ་བཞིན་འགྱུར་བ་སྟེ།། བདེན་པའི་རྗེས་སུ་འབྲང་བའི་ཤེས་པས་ཤིན་ཏུ་དག། ཐ་བ་མེད་ཅིང་སྙམ
39b6 ལ་འདོད་ཆགས་རབ་ཏུ་ཞི། ། ཚར་བཅད་ཡོན་ཏན་སྨྲ་ཞིང་སྐྱོན་ལས་ཤིན་ཏུ་གྲོལ།། ཟབ་ཅིང་གཏིང་དཔག་དཀའ་བ་ཤིན་ཏུ་ཆད་པ་སྟེ།། དོན་རྣམས་བྱེད་ཅིང་ཞིང་སྟོང་དག་ཏུ་ཁྱབ་པར་བྱེད།། རྡོག་པ
39b7 མེད་པར་ཚིག་འདི་རབ་ཏུ་སྨྲ་བར་བྱེད། ། རང་གི་ངང་གིས་བྱུང་ནས་ཇི་ལྟར་ཐར་འགྱུར་སྨྲ།། རྟག་ཏུ་ས་བཞིན་སེམས་ཅན་དབང་པོ་ཚིམ་པར་བྱེད།། རྣམ་པར་སྤྱོང་དེང་ཚིག་མཆོག་འཛིན་ཤེས་པས་བྱས




iiif viewer powered by OpenSeadragon

39a - 40a

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo