| | e-texts navigator
|
26b1 དུམ་བུར་གཏུབས་ཏེ་རྣམ་གཏོར་ཚེ། ། ཐབས་ལྡན་ཆེ་བའི་བདག་ཉིད་ཕ་རོལ་ཕྱིན་རྫོགས་འགྱུར།། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང་། ཤེས་རབ་ཁྱད་འཕགས
26b2 དམ་པ་སྐད་ཅིག་ཙམ་གྱིས་འཛིན། ། ལུས་དང་ལུས་ལ་བསྲེགས་པའི་ཉོན་མོངས་རྣམས་ཀྱང་འདོར།། སྦྱིན་དང་རབ་ཏུ་ལྡན་པའི་ཕ་རོལ་ཕྱིན་པར་འགྱུར།། བྱམས་པས་འཇིག་རྟེན་ཁྱབ་བྱེད་ཚུལ
26b3 ཁྲིམས་ཉམས་མི་འགྱུར། ། བྱང་ཆུབ་རྗེས་སུ་འགྲོ་བས་ཚུལ་ཁྲིམས་དག་པ་འཛིན།། བཟོད་པའི་སྟོབས་སྐྱེད་ཡན་ལག་རྣམས་དང་ཉིང་ལག་གཅོད།། དེ་ཡང་དེ་ཡི་བཟོད་པའི་ཕ་རོལ་ཕྱིན་ལ
26b4 སྦྱོར། བརྩོན་འགྲུས་གཅེས་པ་མ་ཞུམ་པར་སྐབས་སྒྱིད་ལུག་མེད།། ལུས་ནི་རྣམ་པར་འཐོར་ཞིང་བརྩོན་འགྲུས་ཕ་རོལ་འགྲོ།། བྱང་ཆུབ་སེམས་ཀྱི་བསམ་པ་དྲན་པ་མི་འདོར་ཞིང་།། ཉོན
26b5 མོངས་མུན་པའི་རྡུལ་རྣམས་བསལ་ཕྱིར་རབ་ཏུ་བརྩོན། ། ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང་རྣམ་པར་ཐོབ།། འདི་ཡང་རྡུལ་བྲལ་བསམ་གཏན་ཕ་རོལ་ཕྱིན་ལ་སྦྱོར།། བདག་གི་ལུས་ནི།།
26b6 བདག་མེད་རྨི་ལམ་གློག་དང་འདྲ།། འདི་ལ་བྱེད་པ་པོ་མེད་ཚོར་བ་པོ་ཡང་མེད།། ལུས་ཀྱི་གཟིངས་པས་བཅིངས་པའི་སེམས་ཅན་བདག་གིས་དགྲོལ།། ཤེས་རབ་འདི་ནི་ཁྱད་འཕགས་ཕ་རོལ་ཕྱིན
26b7 པ་མཆོག། གང་ཞིག་འདི་ལ་སྦྱོར་ཞིང་ཚུལ་བཞིན་ཆོས་སེམས་ལ།། ལུས་ཀྱི་གནོད་པ་བཟོད་ཅིང་རབ་སྡང་མི་བྱེད་ཅིང་།། མི་སྙན་པ་དང་སྨད་དང་གཤུང་བའི་ཚིག་ཐོས་ཀྱང་།། དེ་ནི་ཞེ་སྡང་མི་འགྱུར
iiif viewer powered by OpenSeadragon
26a - 27a