| | e-texts navigator
|
23b1 སེམས་མེད་པར་བྱའོ། ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བར་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟན་པར་བྱའོ།། སྙམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གཞན་ཡང
23b2 དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ།། བདག་ནི་བཟོད་པའི་སྟོབས་མང་དུ་བྱས་ཏེ། བྱམས་པ་ལ
23b3 གནས་པར་བྱའོ་སྙམ་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས
23b4 པའོ། ། བ་དག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འཇུག་པར་བྱས་ལ་ཕྱིས་བདག
23b5 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ།
23b6 སེམས་ཅན་འདོནི་བརྗེད་ངས་པ། ཤེས་བཞིན་མེད་པ།། ཉོན་མོངས་པ་ངེས་པར་མ་བསམས་པ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ།། བདག་ནི་ཉོན་མོངས་པ་ངེས་པར་བསམས་པར་བྱ། དྲན་པ
23b7 དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་སྟེ། སེམས་ཅན་ཐམས་ཅད་མདུལ་བ། མ་ཞི་བ། མ་སྦས་པ། ཉེ་བར་མ་ཞི་བ་འདི་ལྟ་བུ་དག་གི་དོན་ཏུ
iiif viewer powered by OpenSeadragon
23a - 24a