| | e-texts navigator
|
22a1 གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཆོས་ལ་རྟོན་ཏེ། གང་དེའི་ལུས་གཅོད་པའི
22a2 སེམས་ཅན་དེ་ཉིད་ལ་ལྟ་བའོ། ། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།།
22a3 བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་པ་ཡང་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་བ་དང་། ལུས
22a4 ཡོངས་སུ་གཏོང་པ་དང་། ལུས་ལ་མི་ལྟ་བ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི
22a5 འཕྲོགས་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་པར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱིས་རྨ་མི་བྱེན་ཏེ།
22a6 བཟོད་པའི་སྟོབས་ཉེ་བར་སྟོན་པ་འདོན་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་འདོར་ཞིང་། སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ
22a7 འཛིན་ལ། འཁོར་བ་ཉིད་དུ་མཚམས་ཀྱང་སྦྱོར་ཞིང་དགེ་བའི་རྩ་བ་བཙམ་པ་ཡང་རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་རྣམ་པར་འཐོར་བན།། ཐམས་ཅད་མཁྱེན།
iiif viewer powered by OpenSeadragon
21b - 22b