| | e-texts navigator
|
20a1 བརྩོན་པ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་པའི
20a2 བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་སེམས་ཅན་ཐམས་ཅད་ཀྱིས་དཔྱད་ཀྱང་བཟོད། འཐིང་སླད་བྱས་པ་དང་། སྨད་པ་དང་། གཤུང་པ་བྱས་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱིས་སྤྲོས
20a3 སམ། བསྡིགས་བསམ། ངན་དུ་བརྗོད་དམ། ངན་དུ་འགྲོ་འམ། ངན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར
20a4 ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡིད་འཆད་པ་མེད་ཀྱི། སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས
20a5 རྩོམ་ལ། རྟུལ་བས་རྟུལ་བར་བྱེད་དེ། སྤྲོ་བ་སྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ།། དེ་སྤྲོས་ཀྱང་སླར་མི་གཤེ། བརྡེགས་ཀྱང་སླར་མི་རྡེག། ཁྲོས་ཀྱང་སླར་མི་ཁྲོ། འཁྲུགས་ཀྱང་སླར
20a6 མི་འཁྲུག་སྟེ། དེ་ལྟར་སེམས་བགྲང་བའི་གོ་ཆ་གྱོན་ནོ།། འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཐེག་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན
20a7 དེདག་ནི་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གོ། ། བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བས་འདོད་པའོ།། སེམས་ཅན་དེ་དག་ནི་ཕན་ཚུན་མི་འཐུན་པ་དག་གོ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མོ་མཐུན་པ
iiif viewer powered by OpenSeadragon
19b - 20b