| | e-texts navigator
|
19b1 གཉིས་པ། བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་ཅིང་རིན་པོ་ཆེ་དེའི་གནོད་པ་བཟོད་པ་ནི་ཇི་ལྟ་བུ། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་ནི
19b2 གང་ཞེ་ན། ། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ
19b3 པའི་སེམས་ཅན་རྣམས་བསམ། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ། རྣམ་པར
19b4 གཙེས་སམ། བསྐྱོད་དམ་ཀུན་ཏུ་བསྐྱོད་དམ།། དཀྲུགས་སམ་ཀུན་ཏུ་དཀྲུགས་སམ། བསྡིགས་བསམ། བ་རེགས་ཀྱང་བྱང་ཆུབ་ཏུ་བསམ་པའི་སེམས་བསྐྱེད་པ་དེ་ལས་མི་ཕྱེད་པ་དང་།།
19b5 སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་སྙིང་རྗེ་ཆེན་པོས་བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བར་བརྩོན་པ་ལས་མི་ཕྱེད་པ་དང་།
19b6 སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མི་ཕྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས
19b7 བསོགས་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་སྒྲུབ་པར་བརྩོན་པ་ལས་མི་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་བཅས་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར
iiif viewer powered by OpenSeadragon
19a - 20a