e-texts navigator
Collection
Volume
Page
Wylie

160b1 ཀ་རེ། ཀ་རུ་དྷཱ་ཀ་རེ། མུག་ཏི་ཏ་ཀཱ་རེ། ཨུ་བེ་གཀྵ་ཀ་རེ། དུདྡྷ་ཀ་རེ། དྷ་མཱ་ཀ་རེ། སད་གྷཱ་ཀ་རེ། སུ་ཀྲི་ཏ་བཛི་། མ་ཧཱ་བི་ཏཱ་ནེ། ནིཝེ་རེ། དཱགྷེ་མོ་ཛོ་ད་ཏི། ཨོ་ཇོ་ག་མེ་དྷརྨན་ད་ནི།
160b2 བྲྀ་ཏི་ཐཱ་ནི། སུ་བ་བད་ཏི། བི་ཤུདྡྷེ། གཱི་ཙིད་ཏོ་པ་ཤ་མེ། བྱ་བ་ལོ་ཀ་ཡ་པྲ་མཱན། བྷུད་ཏིཥྛ། ས་མི་དྷི། ཨ་བེ་ཀྵ་སྭ་དྷརྨརྦ་རཱ་ཎཱན། ཀུ་རུ་སད་དྷརྨ་པ་རི་གྲ་ཧ་ན། ཀྲྀ་ཏ་མ་ནུ་པཱ་ལཱ་ཡ། བུདྡྷ
160b3 ནེཏྭེ་མ་མ་བྱ་བ་ཚེ། བཱ་སཱི། སྨ་ར་ཏ། དྷརྨ་ཙཀྲ་པྲ་བརྡྷ་ནཱན། ཀུ་རུ་ས་ཏྭ་བི་ཤོ་དྷཱ་ནཱན། པྲ་ཏི་གྲྀ་དྷ་ན་དྷཱརྨཱནྡ། ག་ར་མཱ་ལ་ཏན། བུདྡྷ་ཨ་དྷིཥྚེ་ན་མ་མཱ་བི་ཀོ་པ་ཡ། བློ་གྲོས་རྒྱ་མཚོ་མི་མཇེད
160b4 ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་དོན་དུ་བྱས་ལ། ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མེད་པའི་སེམས་ཀྱི་རྒྱུད་དང་། དབང་པོ་ཤིན་ཏུ་སྦས་པ
160b5 དང་ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་བའི་ཕྱག་རྒྱ་དང་། ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་བདེན་པས་ཟིན་པའི་ངག་གི་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་།
160b6 ལེགས་པར་བྱས་པའི་བཟོད་པའི་ལས་དང་། ཤིན་ཏུ་ཡོངས་སུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ་བསྟན་པའི་མང་དུ་ཐོས་པ་དང་།
160b7 ཤིན་ཏུ་ཡོངས་སུ་བསྒོམས་པའི་སེམས་ལས་སུ་རུང་བ་དང་། ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་།




iiif viewer powered by OpenSeadragon

160a - 161a

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo