| | e-texts navigator
|
159b1 པའི་སྔགས་ཀྱི་ཚིག་འདི་རྣམས་བརྗོད་པར་བྱ་སྟེ། སྔགས་ཀྱི་ཆོ་ག་དེ་དག་གིས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅོད་པར་འགྱུར་རོ།། སྔགས་ཀྱི་ཆོག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤམ
159b2 ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ། ཨང་ཀུ་རེ། མང་ཀུ་རེ། མཱ་ར་ཛི་ཏེ། ཀུ་ར་ཌི་ཡུ། ཀེ་ཡུ་རེ། ཏེ་ཛོ་བ་ཏི། ཨོ་ལོ་ཡ་ནི། བི་ཤ་ཐ་ནིརྨ་ལེ། མ་ལཱ་བ་ན་ཡེ། ཁུ་ཁུ་རེ། ཁ་གེ་གྲ་སེ།
159b3 གྲ་ས་ནེ། ཨོ་མུ་ཁི། པ་རཱ་ང་མུ་ཁཱི། ཨཱ་མུ་ཁཱི། ཤ་མི་ཏ་ནི། སརྦ་གྲ་ཧ་བ་ན་དྷ་ནཱ་ནི། གྲི་ཧི་ཏཱ། སརྦ་མཱ་ར་པྲ་བཱརྡི་ནི། བི་མུག་ཏཱི་མཱ་ར་བཱ་ཤཱ། སྠཱ་བི་ཏ་བུདྡྷ་མུ་དྲ། ཨ་ནུ་ད་ག་ཏི། ཏ་སརྦ
159b4 མཱ་རེ་པུ་ཙ་རི་ཏེ། པ་ད་པ་རི་ཤུད་དྷྱ། བི་གཙྪན་ཏུ་སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་ཚིག་འདི་དག་ནི་བདུད་ཚར་གཅད་པའི་ཆོག། ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ
159b5 དེས་ལེགས་པར་ཁ་དོན་ཏུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས། འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ་བདག་ལ་སྨན་པར་འདུ
159b6 ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི
159b7 འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར
iiif viewer powered by OpenSeadragon
159a - 160a