| | e-texts navigator
|
158b1 ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡེ། ཛ་ཡ་མ་ཏི། ཨད་ཊེ། མད་ཊེ། མང་ཀུ་རེ། སིདྡྷ་མ་ཏི། ཤུ་བྷྲེ། ཤཱན་ཏི་ཀ་རེ། ན་ད་ནེ། དཱན་ཏེ།
158b2 དཱན་ཏམ་ཏི། ཏད་ཀ་རེ། ཀྵ་9། ཀྵ་ཡ་མུ་ཁེ། ཨ་བད་ཊ་ནི། བི་བད་ཊ་ནི། བ་རི་བད་ཊ་ནི། བ་རི་ཚི་དེ་དྷྲི་ཏི། ཧྲྀ་ཏི་སན་དྷི། ཨ་གཙྪ་ཀོ་རུ་ཤི་ཀ། ནི་ཛི་ཏྲ། ཨ་སུ་ར། ཛ་ཡན་ཏི་བ།
158b3 ས་མ་ཡ་སྟེ། ཨ་རབ་དྷོ། དྷརྨ་ནི་ཛི་ཏོ། ར་མ་ཧི། སྭ་སྱེ་ཡ་ན་མ། བྷཱུ་ཏཱ་ནཱ་མ། ཨ་རཀྵ་དྷརྨ་ཙ་རི་ན་མ། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ་དེ་དག་གིས་ལྷའི་དབང་པོ
158b4 བརྒྱ་བྱིན་དགུག་པར་འགྱུར་རོ། ། དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་ཏོན་དུ་བྱས་ལ་གཙང་བ་དང་། གཙང་སྦྲའི་ཆོ་གས་ཁྲུས་ལེགས་པར་བྱས་ཏེ། གོས་བཟང་པོ་བགོས་ལ་ཤར
158b5 ཕྱོགས་སུ་མེ་ཏོག་གཏོར་ཏེ། སངས་རྒྱས་ཐམས་ཅད་བསམས་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པས། སེང་གེའི་ཁྲི་ལ་འདུག་སྟེ། ལྷའི་དབང་པོ་བརྒྱ་བྱིན
158b6 བསམས་ལ། ཀོའུ་ཤི་ཀ་འཁོར་ལེགས་པར་ཡོངས་སུ་བཞག་པའི་ཕྱིར་ཚུར་ཤོག། སྔགས་གྲུབ་པ་མངོན་སུམ་དུ་གྱིས། དེའི་བསམ་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ་ཚུལ་ཁྲིམས་ཡོངས་སུ
158b7 དག་པས་བསམས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་འོངས་ནས། འཁོར་ཡོངས་སུ་འཇོག་པར་འགྱུར། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་སྒྲུབ་པར་འགྱུར་རོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན
iiif viewer powered by OpenSeadragon
158a - 159a