e-texts navigator
Collection
Volume
Page
Wylie

158a1 བཱི་བ་ཊེ། མདྷུ་མ་ཏི། མ་རི་ཛི་ཏི། བི་ཤུད་དྷེ། བི་ཤུད་དྷ་པ་ཏི། མི་སོ་ལེ། མ་ནོར་ཧ་རེ། བློ་གྲོས་རྒྱ་མཚོ་འདི་དག་ནི། དགུག་པའི་ཚིག་རྣམས་ཡིན་ཏེ
158a2 ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས། ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་བཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་རོ།། སྔགས་ཀྱི་ཚིག་འདི
158a3 རྣམས་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་ཏུ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ། རྒྱལ་པོ་ཆེན་པོ་བཞི་བསམས་ན་སྔགས་ཀྱི་ཆོག་འདི་དག་གིས། རྒྱལ་པོ་ཆེན་པོ་བཞི་བཀུག
158a4 ནས་འོང་བར་འགྱུར་རོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ
158a5 བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན་པར་གང་ན་ཡང་དག་པ་དང་ལྡན་པའི་རྒྱུད་ཀྱི་ཆོས་ཀྱི་རྣམ་གྲངས
158a6 འདི་འཆད་པར་འགྱུར་བ་དེར། ཆོས་ཀྱི་རྣམ་གྲངས་འདི་ཡང་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བ་དང་། ཅི་ནས་གང་གིས་ཀྱང་མ་བསྒྲིབས་པ་འམ། གནོད་པ་བགྱིད་པར་མི
158a7 འགྱུར་བར་བགྱི་བའི་སླད་དུ་མཆི་བར་བགྱིའོ། ། བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུགས་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ།།




iiif viewer powered by OpenSeadragon

157b - 158b

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo