e-texts navigator
Collection
Volume
Page
Wylie

157b1 གང་དག་འཛིན་པ་དང་། ཀློག་པ་དང་། སྟོན་པ་དེ་དག་ལ་ཡང་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་། མདོ་སྡེ་འདི་ལྟ་བུ་འདི
157b2 དག་ཀྱང་ཀུན་ཏུ་བསྲུང་བ་དང་། སྦ་བ་དང་། ཡོངས་སུ་གཟུང་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ
157b3 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པར་འགྱུར་ཞིང་འདོན་པ།
157b4 བརྩོན་འགྲུས་བརྩམས་པ། དགེ་བའི་རྩ་བ་སྐྱེད་པ་དེ་དག་འདུལ་བའི་དབང་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ
157b5 ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཚིག་གང་དག་གིས་རྒྱལ་པོ་ཆེན་པོ་བཞི་དག་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད
157b6 པར་འགྱུར་བར་རྒྱལ་པོ་ཆེན་པོ་བཞི་དགུགས་པའི་ཚིག་རྣམས་བརྗོད་པར་བྱའོ། ། བློ་གྲོས་རྒྱ་མཚོ་དགུག་པའི་ཆོག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ས་མེ་ས་མ་སན་དྷི། ས་ར་ནེ། ས་ར་པ་ཏི།
157b7 དྷ་ནེ། དྷ་ན། བ་ཏི། དྷུ་དྷུ་མེ། དྷུ་དྷུ་མ་ཏི། ཨཱ་བ་ཏེ། ཨ་མ་ལེ། བི་མ་ལེ། དིར་ཛེ། ཀ་ཀ་རེ། ཀཱ་རུ་ཎེ། ཧུ་ཧུ། ཧུ་ཧུ་བ་ཏི། ཧུ་ཧུ་སན་དྷི། ནིར་གྷ་ཏ་ནི། ཨ་བ་རྫ




iiif viewer powered by OpenSeadragon

157a - 158a

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo