| | e-texts navigator
|
154b1 བསྐྱེད་ཅིག། དེ་ནས་བདུད་སྡིག་ཅན་གྱི་ལྷག་པའི་བསམ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཚིག་འདི་སྐད་ཅེས་བདག་གིས། བླ་ན་མེད་པ
154b2 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིན་ཆད་བདུད་ཀྱི་ལས་མི་བྱའོ་ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་རིན་པོ་ཆེ་བཀོད་པ
154b3 སེང་གེའི་ཁྲི་ལ་བཞག་སྟེ། ། དེ་ནས་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་ཀྱི་གཏམ་རྒྱུད་ཅི་འདྲ་བ་ལ་རིགས་ཀྱི་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསོལ་བ་བཏབ་བོ།།
154b4 དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གང་བདུད་སྡིག་ཅན་སེང་གེའི་ཁྲི་ལ་འདུག་པའི་ཁའི་སྒོ་དང་། བ་སྤུའི་ཁུང་ཐམས་ཅད་ནས་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འདུས་པ
154b5 ཆེན་པོའི་ལེའུ་རབ་ཏུ་བཤད་པ་ལྟ་བུའི་གཏམ་བྱུང་སྟེ། ཡི་གེ་དེ་དག་དང་ཚིག་དང་། ཡི་གེའི་འབྲུ་དེ་དག་དང་མཉམ་ཞིང་མི་ཉུང་མི་མང་མ་ལྷག་པར་འགྱུར་བ་དེ་ལྟ་བུའི་བྱིན་གྱིས་བརླབས་བྱས་སོ།།
154b6 དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་དེ་ལས་འདུས་པ་ཆེན་པོའི་ལེའུ་གཏམ་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
154b7 བདག་ཅག་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དེ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས
iiif viewer powered by OpenSeadragon
154a - 155a