| | e-texts navigator
|
144b1 དགའ་བས་དགའ་བ་ཐོབ་སྟེ། འབང་པ་ཆུང་ངུར་གནས་པར་གྱུར་ནས། བསམ་གཏན་ལས་ལྡོག་པར་ཡོངས་སུ་མི་ཚོལ་གྱིས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་གསད་པར་འདུ་ཤེས
144b2 ཤིང་གཟུགས་མ་མཆིས་པའི་ཁམས་ཀྱི་རོ་མྱང་བར་བགྱིད་ལ། དེ་ལུས་དམན་པས་གཟུགས་མ་མཆིས་པའི་ཁམས་རྣམས་སུ་སྐྱེད་པར་བགྱིད་ཅིང་། ལྷ་ཚེ་རིང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ།
144b3 དེ་དེར་སྐྱེས་ནས་ཀྱང་གང་སངས་རྒྱས་མང་པོ་དང་། སངས་རྒྱས་རྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་མཉེས་པར་མི་བགྱིད་པ་དེའི་གནས་མཆིས་སོ།། སངས་རྒྱས་མཐོང་བ་དང་། ཆོས
144b4 མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་བྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། བསོད་ནམས་ཀྱི་ཚོགས
144b5 སོགས་པ་དང་བྲལ་བར་འགྱུར། དེའི་དབང་པོ་རྣམས་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར། དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་རྟུལ་བའི་རྒྱུད་ཅན་དུ་འགྱུར་ཞིང
144b6 རྨུགས་པ་དང་། གཉིད་ཆེ་བར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསམ་གཏན་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ།། བཅོམ་ལྡན་འདས་གཞན
144b7 ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པར་གྱུར་ཏེ། རྐྱེན་ཤིན་ཏུ་མཐོང་བའི་སླད་དུ་རྒྱུ་བ་ཡོངས་སུ་ཤེས་པ་དང་ལྡན་པར་གྱུར། རྒྱུ་བ་མ་མཆིས་པ་དང་། རྒྱུ་བ་དང་བྲལ་བ་དང་། མངོན
iiif viewer powered by OpenSeadragon
144a - 145a