| | e-texts navigator
|
143b1 ཡོངས་སུ་དག་པ། བསླབ་པའི་གནས་ཡང་དག་པར་བླངས་པ་རྣམས་ལ་སློབ་སྟེ། དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་བསྙེན་ཅིང་བསྟེན་ལ་བསྙེན་བཀུར་བགྱིད་དེ། ཚུལ་ཁྲིམས་འཆལ་པའི
143b2 སེམས་ཅན་རྣམས་ལ་ཁྲོ་བ་དང་སྡང་བ་དང་། ཞེ་འབྲས་པར་བགྱིད་ཅིང་། ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ་བསྟོད་དེ། གཞན་ལ་སྤོད་ན། བཅོམ་ལྡན་འདས་འདོན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས
143b3 དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གཉིས་པའོ། ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་པ་སྟེ་དེ་ལུས་ཀྱིས་ཀྱང་བཟོད་དག་གིས་ཀྱང་བཟོད་ན་སེམས་ཀྱིས་གནོད་པ་བགྱིད
143b4 དེ་སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་མི་བཟོད། སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད་པའི་སྟོབས་ཉེ་བར་སྟོན། སེམས་ཅན་ཉམ་ཆུང
143b5 པ་རྣམས་ལ་ནི་གནོད་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེ་རེ་ཤིག་ནི་བཟོད། རེ་ཤིག་ནི་མི་བཟོད། ཁ་ཅིག་ལ་ནི་བཟོད། ཁ་ཅིག་ལ་ནི་མི་བཟོད་ལ། དེ་གང་གི་ཚེ་བཟོད་པ་དེའི་ཚེ་བཟོད་པས་རྒྱགས
143b6 རློམ་སེམས་སུ་བགྱིད། གང་གི་ཅི་མི་བཟོད་པ་དེའི་ཚེནི་མྱུར་དུ་སོ་སོར་མི་འཆགས་ན། བཅོམ་ལྡན་འདས་འདིན་བྱང་ཆུབ་སེམས་དཔའི་བཟོད་པདང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གསུམ་པའོ།།
143b7 བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ལ། དེ་བརྩོན་འགྲུས་བརྩམས་པར་གནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་རྣམས་ཡོངས་སུ
iiif viewer powered by OpenSeadragon
143a - 144a