| | e-texts navigator
|
13b1 འདས་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ། བཅོམ་ལྡན་འདས་ཀྱིས་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི
13b2 སྐད་ཅེས་བཀའ་སྩལ་ཏོ། ། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བས་བརྟན་པ་ཡིན་ཏེ། དགེ་བའི་བསམ་པ་དང་ལྡན་པ། ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ
13b3 ཚོགས་བསགས་པ། དབང་པོ་རྣོ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ། རྒྱུའི་སྟོབས་ཅན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས
13b4 རྣམས་མཉེས་པར་བྱེད། བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ་མཐོང་ཞིང་། གསུང
13b5 སྙན་པ་ཐོས་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་། ཆགས་པ་མེད་པའི་མཁྱེན་པ་ཡང་ཐོབ་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ། ཀུན་རྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཚེ
13b6 འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས
13b7 བརྩམས་པ་ཡིན་ཏེ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ཞིང་ཐམས་ཅད་མཁྱེན་པའི་སེམས་བརྗེད་པ་མེད་པས། སེམས་ཡོངས་སུ་དག་པ་ལ་རྣལ་འབྱོར་དུ་བྱེད་དོ།། སེམས་ཡོངས་སུ་དག
iiif viewer powered by OpenSeadragon
13a - 14a