| | e-texts navigator
|
137a1 སུ་ཞུགས་པ། རྩཝ་དང་། ལོ་མ་དང་། མེ་ཏོག་དང་འབྲས་བུལ་མོས་པ་ཞིག་རིའི་ཟུག་གྲོད་དཀའ་བཞིན་ན་གནས་སོ།། རིའི་དྲུག་བགྲོད་དཀའ་བདེན་སྤྲེའུ་འམག
137a2 ཤིག་ཀྱང་གནས་སོ། ། དེ་ནས་དུས་གཞན་ཞིག་ན་སྤྲེའུ་མོ་དེ་ལ་བུ་འབྲངས་ནས། དེ་ལས་ཕྲུག་གུ་གཉིས་བྱུང་ངོ་།། དེ་ནས་སྤྲེའུ་དེ་དང་། སྤྲེའུ་མོ་དེས། ཕྲུག་གུ་དེ་གཉིས་རི་དགས
137a3 ཀྱི་རྒྱལ་པོ་སེང་གེ་ལ་གཏམས་ཏེ་སྤྱོད་ཡུལ་དུ་དོང་ངོ་། ། དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་པ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ། སྤྲེའུའི་ཕྲུག་གུ་དེ་གཉིས་བླངས་ནས། སྟེང་གི་བར
137a4 སྣང་ལ་གནས་པར་གྱུར་པ་དང་། རི་དགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་པས་སྤྲེའུའི་དྲུག་གུ་དེ་གཉིས་ཁྱེར་བ་མཐོང་ངོ་།། མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རྒྱ་རྒོང་རྒྱལ་པོ
137a5 ཁྱོད་ལ་བདག་གསོལ་པ། བདག་གི་སྤྲེའུ་ཕྲུག་དེ་གཉིས་ཁྱོད་ཀྱིས་མཐོང་། བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས།། སྐྱབས་སུ་དོང་བ་མ་གསད་ཁྱོད་ཀྱིས་ཐོང་།། དེ་ནས་བྱ་རྒོད་ཀྱི་རྒྱལ་པོས
137a6 རི་དགས་ཀྱི་རྒྱལ་པོ་སེང་གེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དགས་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན།། དེ་ལྟ་ན་ནི་འདི་གཉིས་མི་གསད་གཏང་བར་བྱ།། ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ
137a7 ལ་གནས། ། ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད།། རི་དགས་ཀྱི་རྒྱལ་པོས་ཡང་སྨྲས་པ།། བདག་ནི་གཏང་གིས་ཡོངས་སུ་བཟའ་བར་གྱིས།། བདག་གིས་སྤྲེའུ་ཕྲུག་གཉིས་ནི་བཏང་བར་གསོལ།།
iiif viewer powered by OpenSeadragon
136b - 137b