| | e-texts navigator
|
136a1 སྦྱིན་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱོད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ
136a2 བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། དེ་སེམས་ཅན་དེ་དག་ལ་སླུ་བ་ཡིན་ཏེ། དེ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས
136a3 དཔས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་འགྲོན་ཏུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ།། ཞེས་བྱས་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ
136a4 ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། རྒྱལ་པོ་འམ
136a5 རྒྱལ་པོའི་བློན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སང་ཟན་སྦྱིན་ནོ་ཞེས་མགྲོན་ཏུ་བོས་ལ་ཡལ་བར་བོར་ཏེ། བཟའ་བ་དང་བཏུང་བ་མ་སྦྱར་ན། དེས་སྐྱེ་བོ་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ།
136a6 དེ་དག་ཀྱང་བཟའ་བ་དང་བཏུང་བའི་ཟས་མ་ཐོབ་པས་འཕྱ་ཞིང་སླར་འདོང་པ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ
136a7 ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། སེམས་ཅན་ཐམས་ཅད་དབུགས་ཕྱུང་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ
iiif viewer powered by OpenSeadragon
135b - 136b