e-texts navigator
Collection
Volume
Page
Wylie

133a1 བར་གཏོགས་པའི་བྱང་ཆུབ་སེམས་དཔའི་ཐོབ་པ་ཆེན་ཛན་ཉི་ཤུ་པོ་འདི་ལྟ། ཐམས་ཅད་མཁྱེན་པ་བླན་མེད་པའི་འཐོབ་པ་ཡོངས་སུ་རྫོགས་པར
133a2 འགྱུར་བ་དག་གོ། ། ཉི་ཤུ་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་སྲིད་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་འདོར་བས་ངའི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་ཐོབ་པ་དང
133a3 ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་འབྱུང་བ་ཐོབ་པ་དང་། དྲར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས་ཐོབ་པ་དང་། འཕགས་པའི་རིགས་ཆོག་ཤེས་པས་དགང་ཟ་བ་དང
133a4 གསོ་སྲ་བ་ཐོབ་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྲུངས་པ་ཡང་དག་པར་ལེན་པས་འདོད་པ་ཆེ་བ་དང་སྡིག་པ་འདོད་པ་སྤོང་བ་ཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས་ལྷ་དང་མིང
133a5 སྐྱེ་བ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་པ་དང་། དགོན་པ་དབེན་པ་ན་གནས་པས་འདུ་འཛི་དང་མི་འདྲེ་བ་ཐོབ་པ་དང་། གནོད་པ་མེད་པས་ཆོས་སེམས་པའི
133a6 བདེ་བ་ཐོབ་པ་དང་། བསམ་གཏན་གྱི་ཡན་ལག་ཡང་དག་པར་བསྒྲུབས་པས་སེམས་ལས་སུ་རུང་བ་ཐོབ་པ་དང་། ཐོས་པ་ཡོངས་སུ་ཚོལ་བས་ཤེས་རབ་ཆེན་པོ་ཐོབ་པ་དང་། ང་རྒྱལ་མེད་པས
133a7 ཤེས་ཆེན་པོ་ཐོབ་པ་དང་། དོན་དྲུང་ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས་བྱམས་པ་ཆེན་པོ་ཐོབ་པ་དང་། སེམས་ཅན




iiif viewer powered by OpenSeadragon

132b - 133b

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo