e-texts navigator
Collection
Volume
Page
Wylie

106b1 སྟོབས་མཐུ་དང་། ། ལོངས་སྤྱོད་དབང་ཕྱུག་ཐོབ་ཅིང་བརྒྱ་བྱིན་ཚངས་པ་དང་།། འཁོར་ལོས་སྒྱུར་དང་སྲོང་དང་གང་ཡང་སྲིད་གསུམ་ན།། ལྷ་དང་མི་ཡི་བདེ་སྐྱིད་སྐྱིད་པ་ཐམས་ཅད་འཇོབ།། ཐེག་པ
106b2 མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད། ། གོང་བ་མེད་ལ་འཕངས་ཤིང་འཕངས་པ་རྣམས་ཀྱང་གཏོང་།། བྱིན་ནས་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས།། དགའ་ཞིང་བྱམས་པའི་སེམས
106b3 སུ་འགྱུར་ཏེ་བྱང་ཆུབ་འགྲོ། ། ཐེག་པ་མཆོག་ལ་གནས་ནས་དེ་ནི་སྐྱབས་འགྱུར་ཏེ། ཚུལ་ཁྲིམས་ལྡན་ཞིང་ཚངས་པར་སྤྱོད་པས་ཡོངས་སུ་དག། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག།
106b4 སྲིད་པ་དང་ནི་གཟུགས་དང་ལོངས་སྤྱོད་འདོད་མི་འགྱུར།། མི་སྙན་ཚིག་རྣམས་ཐོས་ཀྱང་མི་ཁྲོ་འཁྲུག་མི་འགྱུར།། ལུས་ནི་རྣམ་པར་གཏོར་ཀྱང་སེམས་ཅན་རྗེས་སུ་སྲུང་།། བདག་ལུས་རྙེད་སླ་ཆོས་ཀྱི་རྒྱལ
106b5 སྲིད་རྙེད་དཀའ་སྙམ། ། ཐེག་པ་མཆོག་ལ་གནས་ནས་བཟོད་པ་དག་པ་འདི་འདྲའོ།། བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་འཁོར་གྱུར་པ། དེ་སྲིད་དུ་ཡང་ངན་སོང་རྣམས་སུ་འཁོར་བྱེད་ཅིང་།། སེམས
106b6 ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས་སྟོབས་བསྐྱེད་དེ། ། ཐེབ་པ་མཆོག་ལ་གནས་པའི་བརྩོན་འགྲུས་མཐུ་འདི་འདྲ།། ཤིན་ཏུ་རབ་ཏུ་ཞི་མཉེན་དེས་བསམ་གཏན་ཆོ་ག་ཤེས།། འགྲོ་བ་རྣམས་ཀྱི་དོན་ཕྱིར
106b7 བྱམས་པའི་བསམ་གངན་པ། ། བསམ་གཏན་བདེ་བ་དེ་ལ་ནམ་ཡང་མི་ཆགས་ཏེ། དྲན་དང་ལྡན་པ་འདྲེན་པ་རྣམས་ལ་ལྟ་བར་འདོད།། ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞིང་སྟོང་པར་ཤེས།།




iiif viewer powered by OpenSeadragon

106a - 107a

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo