e-texts navigator
Collection
Volume
Page
Wylie

103b1 བསྒྲུབས་ནས་ཀྱང་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་སོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། གྲོང་ཁྱེར་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེཆེ
103b2 པོ་རབ་ཏུ་བསྐོར་ཏོ། ། ད་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་བསྲི་བ
103b3 མི་མངའ་བའི་ཐུགས་ཀྱིས། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕན་པའི་དངོས་པོ་ཡང་དག་པར་བསྐྱེད་ནས། ཚངས་པའི་སྒྲ་དབྱངས་ཀྱིས་གོ་བར་མཛད་པའི་གསུང
103b4 གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཚུར་ཤེག། ཆོས་རིན་པོ་ཆེའི་གཏེར་བླ་ན་མེད་པ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མཐར་འབྱིན་པ་ཟད་མི་ཤེས་པ་བདེ་བ
103b5 ཐམས་ཅད་སྦྱིན་པ་འདི་ལོང་ཤིག་ཅེས་གོ་བར་མཛད་པ་དེ་ལ། བཅོམ་ལྡན་འདས་སྐྱེས་བུ་གཏི་མུག་ཅན་མ་དད་པ་ཁ་ཅིག་ནི་མ་མོས། བློ་བ་མི་ཆེས་མི་རྟོག་ཅིང་དང་བར་མི་བགྱིད་དོ།། དད་པ་རྟོག་པའི་རང
103b6 བཞིན་ཅན་ཁ་ཅིག་ནི་མོས་ཤིང་གྲོ་བ་ཆེས་རྟོག་ཅིང་དད་པར་བགྱིད་དེ། ། དེ་དག་གོས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་ལས་ཅི་ནུས་ཅི་འོས་སུ་ཆོས་རིན་པོ་ཆེ་ལེན་ཅིང་། ཐེག་པ་ལ་ཇི་ལྟར
103b7 མོས་པ་བཞིན་དུ་རྣམ་པར་འགྲེལ་ཏེ། ཁ་ཅིག་ནི་ཉན་ཐོས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་རང་སངས་རྒྱས་ཉིད་ཀྱི་སླད་དུ། ཁ་ཅིག་གི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་ཞུགས་ཀྱང་།




iiif viewer powered by OpenSeadragon

103a - 104a

Texts on this page

S134 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo