e-texts navigator
Collection
Volume
Page
Wylie

245a1 ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ།། ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ།།
245a2 གཞོན་ནུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ། སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་ཡོངས་སུ་མྱ་ངན་ལས་འདའ
245a3 བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ
245a4 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས
245a5 ལ་ཐུགས་བརྩེ་བའི་སླད་དུ། སྐུ་ཚེའི་ཚད་ཙམ་དུ་རིང་བ་བཞེས་ལགས་སོ།། བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཚད
245a6 འདི་ལ་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་འགྱིད། འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་སྟོང
245a7 གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་དེ་བཞིན་གཤེགས་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་དག་དང་། སངས་རྒྱས་ཀྱི་ཞིང་བཅུ་གཅིག་པོ་རྣམས་ལྷའི་རིན་པོ་ཆེ་སྣ་བདུན




iiif viewer powered by OpenSeadragon

244b - 245b

Texts on this page

S129 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo