e-texts navigator
Collection
Volume
Page
Wylie

162a1 བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོད་དོ་ཞེ་བམ་མེད་དོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ངེས་པར་འབྱུང་ངོ་ཞེ་འམ་ངེས་པར་མི་འབྱུང་ངོ་ཞེས་བྱ་བ།
162a2 དང་། དེ་བཞིན་གཤེགས་པ་དག་འདས་སོ་ཞེ་འམ་མ་འདས་སོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དག་མ་བྱོན་ཏོ་ཞེའམ་མ་བྱོན་པ་མ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དག་ད་ལྟར་བྱུང་བའོ།
162a3 ཞེ་འམ་ད་ལྟར་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཟད་དོ་ཞེ་འམ་མི་ཟད་དོ་ཞེས་བྱ་བ་དང་། དུས་གསུམ་པོ་དག་མཚན་ཉིད་གཅིག་ཅེས་འམ་མཚན་ཉིད་གཅིག་པ་མ་ཡིན་ནོ་ཞེས་ཐོས་ཀྱང
162a4 སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་སྟེ། ། ཀྱེ་རྒྱལ་བའི་སྲས་དག། འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ།། ཀྱེ་རྒྱལ་བའི་སྲས་དག། ཕྱིར་མི་ལྡོག་པའི་བྱང་ཆུབ
162a5 སེམས་དཔའ་དེ་ལ་ཆོས་ཀྱི་རྒྱུན་བཅུ་ཡང་དག་པར་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་གཅིག་པ་ཉིད་དང་། ཐ་དད་པ་ཉིད་དུ་ཡང་དག་པར་བརྗོད་པར་བྱའོ།། མང་བ་དང
162a6 གཅིག་པ་ཉིད་དང་། ཡི་གེ་ལ་དོན་སྒྲོ་བཏགས་པ་དང་། དོན་ལ་ཡི་གེ་སྒྲོ་བཏགས་པ་དང་། དངོས་པོས་དངོས་པོ་མེད་པ་སྒྲོ་བཏགས་པ་དང་། དངོས་པོ་མེད་པས་དངོས་པོ་སྒྲོ་བཏགས་པ་དང་། མཚན་མ
162a7 མཚན་མ་མེད་པ་སྒྲོ་བཏགས་པཾ་དང་། མཚན་མ་མེད་པས་མཚན་མ་སྒྲོ་བཏགས་པ་དང་། མཚན་ཉིད་ཀྱིས་མཚན་ཉིད་མེད་པ་སྒྲོ་བཏགས་པ་དང་། མཚན་ཉིད་མེད་པ་མཚན་ཉིད་སྒྲོ་བཏགས་པ་ཡང་དག་པར་བརྗོད




iiif viewer powered by OpenSeadragon

161b - 162b

Texts on this page

S127 - 'phags pa dkon mchog ta la la'i gzungs zhes bya ba theg pa chen po'i mdo