e-texts navigator
Collection
Volume
Page
Wylie

161a1 ཞེ་ན། ཀྱེ་རྒྱལ་བའི་སྲས་དག། འདི་ལ་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཅུ་ཐོབ་པ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན་ཏེ། བཅུ
161a2 གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་བསྔགས་པ་འམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་བསྔགས་པའམ།
161a3 བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་འམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། བྱང
161a4 ཆུབ་སེམས་དཔའ་སྤྱོད་པའི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཆུང་ཞེས་འཆད་པ་འམ། སེམས།
161a5 ཅན་གྱི་ཁམས་རྒྱ་ཆེའོ་ཞེ་འམ། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ཞེ་འམ། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཞེ་འམ། སེམས་ཅན་གྱི་ཁམས་གདུལ་བླ་ཞེ་འམ།
161a6 སེམས་ཅན་གྱི་ཁམས་གདུལ་དཀའ་ཞེའམ། ཆོས་ཀྱི་དབྱིངས་ཆུང་ཞེ་འམ། ཆོས་ཀྱི་དབྱིངས་རྒྱ་ཆེ་ཞེའམ། འཇིག་རྟེན་གྱི་ཁམས་དག་འཇིག་ཅེའམ། མི་འཇིག་ཅེའམ། ཆོས་ཀྱི་དབྱིངས་ཡོད་ཅེ།
161a7 འམ། ཆོས་ཀྱི་དབྱིངས་མེད་ཅེས་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའོ།། ཀྱེ་རྒྱལ




iiif viewer powered by OpenSeadragon

160b - 161b

Texts on this page

S127 - 'phags pa dkon mchog ta la la'i gzungs zhes bya ba theg pa chen po'i mdo