e-texts navigator
Collection
Volume
Page
Wylie

157a1 དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ནི་བཅུ་པོ་འདི་དག་སྟེ། དེ་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས
157a2 སོ། ། གསུང་ངོ་།། གསུང་བར་འགྱུར་རོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བར་སྐྱེས་པ
157a3 དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་། གཞོན་ནུར་གྱུར་པ་དང་། རྒྱལ་ཚ་བ་དང་། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག
157a4 པའོ། ། ཀྱེ་རྒྱལ་བའི་སྲས་དག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ནི་བཅུ་པོ་དེ་དག་སྟེ། དེ་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ
157a5 ལྡན་འདས་རྣམས་ཀྱིས་གསུངས་སོ། ། གསུང་ངོ་།། གསུང་བར་འགྱུར་རོ།། ཀྱེ་རྒྱལ་བའི་སྲས་དག། དེ་ལ་སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག།
157a6 འདི་ལ་སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་མ་ཐག་ཏུ་གཟུགས་བཟང་བ་འམ། མཛེས་པ་འམ། ཁ་དོག་བཟང་པོ་རྒྱས་པ་འམ། རྒྱ་ཆེ་བ་འམ། གཟི
157a7 བརྗིད་ཆེ་བ་འམ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་འམ། ཀུན་རྗོད་པའི་རྣམ་པར་འཕྲུལ་པའམ། རྗེས་སུ་བསྟན་པའི་རྣམ་པར་འཕྲུལ་པ་མཐོང་ངམ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ངམ། དེ་བཞིན




iiif viewer powered by OpenSeadragon

156b - 157b

Texts on this page

S127 - 'phags pa dkon mchog ta la la'i gzungs zhes bya ba theg pa chen po'i mdo