| | e-texts navigator
|
156a1 ལ་འཇུག་ཅིང་ཆུང་བར་བྱ་བ་དང་། ཀུན་ཏུ་སྦྱོར་བར་བྱ་བ་དང་། སྐད་ཐམས་ཅད་རྗོད་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་བྱ་བ་དང་། ཆོས་ཐམས
156a2 ཅད་ལ་སྒྲིབ་པ་མེད་པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཡོངས་སུ་ཤེས་པའི་ཆོས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར། ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག
156a3 བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་ཀྱང་མཚན་མཐུན་པ་འདི་དག་ཐམས་ཅད་ཁྱོད་ལ་བྱིན་གྱིས་བརློབ་ཀྱིས། རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་བཅུ
156a4 ལས་རྩོམ་སྟེ། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོས་བསྟན་པ་འདི་ལ་སྤོབས་པ་སྐྱེད་ཅིག། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག
156a5 གིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཐོག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་དང་། སྒྲིབ་པ་མེད་པ་དང་། ཆོད་པ་མེད་པ་དང་། བརྗོད་པ་མེད་པའི་ཆོས་ཉིད་དང་ཐ་དད་པ་མེད་པའི་ཡེ་ཤེས
156a6 དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟིལ་གྱིས་མནོན་པ་དང་། ཞུམ་པ་མེད་པ་དང་། འཕྲོགས་པ་མེད་པའི་ཆོས་ཉིད་དང་། བརྗོད་པ་བཟང་པོ་ཉེ་བར་སྒྲུབ་པ་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི
156a7 ལྟར་ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱི་མགོ་ལ
iiif viewer powered by OpenSeadragon
155b - 156b