e-texts navigator
Collection
Volume
Page
Wylie

127a1 པའི་སེམས་ཀྱང་བསྐྱེད་ན། འདི་ནི་དེ་བས་ཆེས་སྡིག་པ་མང་པོ་འཕེལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་གནོད
127a2 སེམས་དང་། ཐ་བ་དང་། ཁྲོ་བའི་སེམས་བསྐྱེད་པ་དང་། བསྐུས་པའི་སེམས་བསྐྱེད་པས་ནི། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པར་འགྱུར་ཏེ། ཆོས་མ་ཡིན་པ་ཡོངས་སུ་བཟུགས
127a3 པར་འགྱུར་རོ། ། ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ནི་སངས་རྒྱས་ཀྱི་གདུང་གཅོད་པར་བྱེད་པ་ཡིན། སངས་རྒྱས་རྣམས་མ་བྱུང་ན། རྒྱལ་ཆེན་བཞིའི་ལྷའི་རིས་རྣམས་འབྱུང་བར་མི་འགྱུར་རོ།།
127a4 སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐའ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། བདུད་ཀྱི་རིས་རྣམས
127a5 ཀྱང་འབྱུང་བར་མི་འགྱུར་རོ། ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ།། ཟླ་བ་དང་། ཉི་མ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ།།
127a6 འཁོར་ལོས་སྒྱུར་བ་དང་། སྟོབས་ཀྱིས་འཁོར་ལོས་སྒྱུར་བ་རྣམས་ཀྱང་འབྱུང་བར་མི་འགྱུར་རོ།། མིའི་འཇིག་རྟེན་ཡང་འབྱུང་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་རྫོགས་པའི
127a7 སངས་རྒྱས་དང་ཕྲད་པ་ལས་འབྱུང་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕྱིར་རོ།། དེ་བས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པར་འདོད་པས་ནི




iiif viewer powered by OpenSeadragon

126b - 127b

Texts on this page

S125 - 'phags pa sprin chen po'i mdo las phyogs bcu'i byang chub sems dpa' rgya mtsho 'dus pa'i dga' ston chen po la rtse ba zhes bya ba'i le'u