| | e-texts navigator
|
126b1 བྱང་ཆུབ་སེམས་དཔའ་རྒྱ་མཚོ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ། བསྐལ་པ་དཔག་ཏུ་མེད་གྲངས་མེད་པའི་བར་དུ་བསྐྱེད་པ་ཡང་། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ
126b2 སེམས་དཔས་ཐ་ན་དུད་འགྲོའི་སྐྱེ་ནས་སུ་གྱུར་པ་ལ་ཟན་ཆང་གཅིག་ཙམ་ཡོངས་སུ་བཏང་བས། བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་དེ་ཟིལ་གྱིས་གནོན
126b3 པར་འགྱུར་རོ། ། འཇམ་དཔལ་དཔེར་ན། ཟླ་བ་ཡར་གྱི་ངོ་ཚ་བཅཝོ་ལྔའི་ནམ་ཕྱེད་ཀྱི་དུས་ན་ཟླ་བའི་དཀྱིལ་འཁོར་གྱིས་འདི་ལྟར་མཐོ་བ་དང་མཚུངས་པ་མེད་པ་དང་། ཆེ་བས་སྐར་མའི་འཁོར་ཐམས་ཅད
126b4 ཟིལ་གྱིས་གནོན་ཏེ། ལྷམ་མེ་ལྷན་ནེ། ལྷང་ངེར་འདུག་གོ།། འཇམ་དཔལ་དེ་བཞིན་དུ། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་འདི་ལྟར་དགེ་བའི་རྩ་བ་མཐོ་བ་དང་མཚུངས་པ་མེད
126b5 བ་དང་། ཆེས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་རྣམས་ཟིལ་གྱིས་གནོན་ཏེ། ལྷམ་མེ་ལྡན་ནེ། ལྷང་ངེར་འདུག་རྒ
126b6 འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་དབྱུག་པས་བསྣུན་ནམ། མཚོན་གྱིས་བཏབ་སྟེ། བདོག
126b7 པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་། ཟ་བ་དང་། ཁྲོ་བའི་སེམས་བསྐྱེད་དེ། བསྙས
iiif viewer powered by OpenSeadragon
126a - 127a