| | e-texts navigator
|
121b1 རབ་ཏུ་གཡོ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། བཁྲུག་རབ་ཏུ་འཁྲུག། ཀུན་ཏུ་རབ་ཏུ་འཁྲུག། འུར་འུར། རབ་ཏུ་འུར་འུར
121b2 ཀུན་ཏུ་རབ་ཏུ་འུར་འུར་རོ། ། འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ནས་ཀྱང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག
121b3 གྲངས་མེད་པ་སྙེད་ལྷགས་སོ། ། བྱང་ཆུབ་སེམས་དཔའ་རེ་རེའི་འཁོར་ཡང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གངྒཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ
121b4 ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། ། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་རྣམས་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པ་རྗོད་པ། སྟོང་གསུམ་གྱི་སྟོང་ཆེན
121b5 པོ་བཅུའི་ཚད་ཙམ་གྱི་ཆར་གྱིས། ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ། མ་འདྲེས་པའི་ནམ་མཁའ་ཁྱབ་པར་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས
121b6 དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་སོ་སོར་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པརྗོད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས། དེ་བཞིན་གཤེགས་པ་ལ་གཏོར་ཅིང
121b7 མངོན་པར་གཏོར་ལ། མངོན་པར་རབ་ཏུ་གཏོར་ཏོ།། གཏོར་ཅིང་མངོན་པར་གཏོར་ལ། མངོན་པར་རབ་ཏུ་གཏོར་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད
iiif viewer powered by OpenSeadragon
121a - 122a