e-texts navigator
Collection
Volume
Page
Wylie

367a1 ཡང་མ་ཡིན་པའི་ཚོར་བ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། སྡུག་བསྔལ་ཡང་མ་ཡིན།། བདེ་བ་ཡང་མ་ཡིན་པའི་ཚོར་བ
367a2 འགགས་པ་ལས་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་འགགས་པ་ལས་ཀྱང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི
367a3 ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། ཁར་བ་ནམ་མཁའ་ལ་འཕངས་ན་ཡང་ན་ནི་ཡུ་བས་ཕྱིར་ལྟུང་ངོ་།། ཡང་ན་ནི་རྩེ་མོས་སོ།། དགེ་སློང་དག་དེ་བཞིན
367a4 དུ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་ལས་ཀྱང་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་འགགས་པ་ལས
367a5 ཀྱང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ།། འདུས་བྱས་པ་བསམས་པ།། རྟེན་ཅིང་འབྲེལ་པར
367a6 འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོགས་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས
367a7 ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན




iiif viewer powered by OpenSeadragon

366b - 367b

Texts on this page

S118 - mdo chen po lnga gsum pa zhes bya ba