e-texts navigator
Collection
Volume
Page
Wylie

358a1 སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ
358a2 ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཅན
358a3 དུ་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད།
358a4 ལ། དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་ཏུ་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ
358a5 དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདུ
358a6 ཤེས་མེད་པ་ཡང་ཀུན་ཏུ་རྨོངས་པའོ། ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས
358a7 དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས




iiif viewer powered by OpenSeadragon

357b - 358b

Texts on this page

S118 - mdo chen po lnga gsum pa zhes bya ba