e-texts navigator
Collection
Volume
Page
Wylie

354b1 འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ
354b2 ཆེན་པོ་རྒྱལ་བས་དགའ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང
354b3 དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་དང་དོན་རྣམ་པར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
354b4 རྫོགས་སོ། ། རྒྱ་གར་སྐད་དུ། ཙ་ཏུར་དྷ་ར་མ་ཀ་སཱུ་ཏྲ། བོད་སྐད་དུ། ཆོས་བཞི་པའི་མདོ། སངས་རྒྱས
354b5 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད
354b6 ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟེན
354b7 ཞིང་ཟབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མཁས་པས་ཇི་སྲིད་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ།།




iiif viewer powered by OpenSeadragon

354a - 355a

Texts on this page

S116 - 'phags pa chos dang don rnam par 'byed pa zhes bya ba theg pa chen po'i mdo
S117 - chos bzhi pa'i mdo